49361
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་སྟོད་མཁན་ཐོག་ ༡༠༧ བློ་བཟང་ཡོན་ཏན་ཞལ་སྔ་ནས་ནི། བོད་ཤར་ཕྱོགས་མི་ཉག་མེ་བེའུ་རོང་འབྲོང་ཕྲག་ཚང་ཞེས་པའི་དུད་ཚང་ཞིག་ཏུ་ ༡༩༠༣ རབ་བྱུང་ ༡༥ པའི་ཆུ་མོ་ཡོས་ཀྱི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་། སྐུ་ནར་སོན་པ་ན་ཡི་གེ་འབྲི་ཀློག་གིས་མཚོན་པའི་རིགས་གནས་དང་། ཆོས་སྤྱོད་ཁག་ལ་གསན་སྦྱངས་མཛད་པ་སོགས་དང་། དེ་ནས་ལྷ་ལྡན་དུ་ཕེབས་ཏེ་རྒྱུད་པའི་བླ་མ་དབུ་མཛད་དང་། མཁན་པོ་བཅས་མཛད་དེ་སྔར་སྲོལ་རྒྱུད་ཆེན་གོང་མའི་རྣམ་ཐར་བདག་གིར་བཟུང་སྟེ་གསང་ཆེན་རྒྱུད་སྟོད་ལ་བཀའ་དྲིན་ཤིན་ཏུ་ཆེ། མཁན་ཁྲི་ལེགས་གྲུབ་བྱུང་བ་དང་ལྷ་སར་ལྕགས་པོ་རི་ལ་བདེ་མཆོག་གི་བསྙེན་ཆེན་སྦྱོར་དངོས་རྗེས་གཙང་ལེགས་པར་གྲུབ་སྟེ་མཐར་དགུ་གྲངས་ ༥༤ པ་སྤྱི་ལོ་ ༡༩༥༦ པར་དགོངས་པ་ཞི་བར་གཤེགས་པའི་ཚུལ་བསྟན། |