49362
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་གཞན་དཔའ་རིས་རབ་གསལ་ཡང་ཟེར། འདི་བ་རབ་བྱུང་བཅུ་བཞི་བའི་ལྕགས་བྱི་ཕྱི་ལོ་ ༡༨༤༠ ལོར་མདོ་སྨད་དཔའ་རིས་ཀྱི་འབྲོག་སའི་ཁྱིམ་ཞིག་ཏུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མ་བསྟེན་ཅིང། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལ་ཐུགས་གཉེར་རྒྱ་ཆེར་མཛད་དེ་རྡོ་རམས་པ་འཕར་མའི་མཚན་བཏགས་བཞེས། མཁས་ཤིང་གྲུབ་པའི་གོ་འཕང་བརྙེས་ཤིང་དགེ་འདུན་སྟོང་ཕྲག་མང་པོའི་གཙུག་རྒྱུད་ཏུ་གྱུར། དགུང་ལོ་ང་ལྔར་ཕེབས་པ་ནས་གྲྭ་སྐོར་མཛད། མེ་རྟ་ཕྱི་ལོ་ ༡༩༠༦ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྗེ་འདི་ཉིད་ལས་མདོ་སྔགས་རིག་གནས་ཀྱི་གདམས་པ་མང་པོ་གསན། ཡབ་སྲས་གཉིས་མཉམ་དུ་རྒྱ་ནག་དང་སོག་ཡུལ་དུ་ཞབས་ཀྱིས་བཅགས། ཟབ་རྒྱས་ཆོས་ཀྱི་སྒོ་བརྒྱ་ཕྱེས་ཏེ་སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་འགོད་བཞིན་ཕྱི་ལོ་ ༡༩༡༠ ཡས་མས་སུ་གཟུགས་སྐུའི་བཀོད་པ་བསྡུས། |