49363
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམ་པ་ཁོང་ནི་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ཕྱི་ལོ་ ༡༦༧༦ ལོར། མདོ་སྨད་ཙོང་ཁ་དགེ་ཐང་ཡུལ་དུ་ཡབ་དབང་རྒྱལ་དང་ཡུམ་རྟ་མགྲིན་འཚོའི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་ཅོ་ནེ་དགོན་དུ་ཞུགས། དགུང་ལོ་བཅུ་དགུའི་ཐོག་དབུས་སུ་ཕེབས་ནས་འབྲས་སྒོ་མང་ཆོས་གྲྭར་ཞུགས་ཏེ་བཀའ་པོད་ལྔར་ཐུགས་གཉེར་གནང། དགུང་ལོ་ཉེར་དྲུག་ཐོག་གླིང་བསྲེའི་མཚན་བཏགས་བཞེས། སླར་མདོ་སྨད་དུ་ཕེབས་ནས་སྟག་ཚང་རི་ཁྲོད་བཀྲ་ཤིས་ཆོས་གླིང་ཕྱག་བཏབ། བྱ་བྲལ་གྱི་སྤྱོད་པ་ཉམས་སུ་བླངས། དགུང་ལོ་བདུན་ཅུ་བཞེས་པ་རབ་བྱུང་བཅུ་གཉིས་པའི་ཤིང་གླང་ཕྱི་ལོ་ ༡༧༤༥ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། གསུང་རྩོམ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱི་རྣམ་གཞག་མདོར་བསྡུས་ཀྱི་འགྲེལ་བ་སོགས་པོད་གཅིག་བཞུགས། |