49367

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་ཡིན་ལ། རབ་བྱུང་བཅུ་པའི་མེ་སྦྲུལ་ཕྱི་ལོ་ ༡༦༡༧ ལ་ལྷོ་ཁ་འཕྱོངས་རྒྱས་རྫོང་དུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་ཁྱི་ཕྱི་ལོ་ ༡༦༢༢ ལ་གདན་དྲངས་པ་ལྟར་འབྲས་སྤུངས་ལ་ཕེབས། རབ་བྱུང་བཅུ་པའི་ཤིང་གླང་ཕྱི་ལོ་ ༡༦༢༥ ལ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་བསྟེན་ནས་རབ་ཏུ་བྱུང༌། རབ་བྱུང་བཅུ་གཅིག་པའི་མེ་གླང་ཕྱི་ལོ་ ༡༦༣༧ ལ་པཎ་ཆེན་སྐུ་ཕྲེང་བཞི་པ་དང་བཀའ་མོལ་གནང་ནས་སྐུ་ཚབ་གཅིག་མངགས་ཏེ་མན་ཇུ་རྒྱལ་ཚང་དང་འབྲེལ་ལམ་བཙུགས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཕྱི་ལོ་ ༡༦༤༢ ལ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁམས་ཡོངས་རྫོགས་དབང་དུ་བསྒྱུར་བའི་མཚན་གནས་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་གཞི་ཚུགས། ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལ་པེ་ཅིང་དུ་ཕེབས། དེའི་ཕྱི་ལོར་རྒྱ་ནག་གོང་མས་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་པའི་གཟེངས་བསྟོད་གནང༌། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལ་འདས།