49368

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་རྒྱ་མཚོའི་སྤྲིན་ (1)
Part of speech མིང་ཚིག
Definition འདི་བའི་མཚན་གཞན་ཅོ་ནེ་བླ་མ་རིན་པོ་ཆེ་ཡང་ཟེར། ཁོང་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་རྟ་ཕྱི་ལོ་ ༡༨༧༠ ལོར་མདོ་སྨད་ཆོས་དཔལ་ཞིང་དུ་སྐུ་འཁྲུངས། བཀྲ་ཤིས་འཁྱིལ་སོགས་སུ་གསན་བསམ་མཐར་ཕྱིན་མཛད། ས་བྱ་ཕྱི་ལོ་ ༡༩༠༩ ལོར་ཙམ་ལ་པཎ་ཆེན་ཐུབ་བསྟན་ཉི་མས་གཙང་བཀྲ་ཤིས་ལྷུན་པོར་གདན་ཞུ་གནང་སྟེ་ཆོས་འཁོར་བསྐོར། ཕྱི་ལོ་ ༡༩༣༠ ལོར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་བཀའ་ཡིག་བསྩལ་ཏེ་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་རྩོམ་འབྲི་གནང་བར་ཕེབས། དེ་ནས་ལོ་གཉིས་ཙམ་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་འབྲི་གནང་མཛད་པའི་མུར་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ཕྱི་ལོ་ ༡༩༣༢ ལོར་སྐུ་གཤེགས། གསུང་རྩོམ་ལ། ལེགས་པར་བཤད་པའི་སྙིང་པོ་ལས་བརྩམས་ཏེ་སྤེལ་མར་བསྟོད་པ་སོགས་པོ་ཏི་གཅིག་བཞུགས།