49369

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༢༤ པ་དང། དགའ་ཁྲི་ ༤༡ པ་བློ་བཟང་རྒྱལ་མཚན་ནི། ཕྱི་ལོ་ ༡༦༠༠ ལྕགས་ཕོ་བྱི་བའི་ལོར། བོད་རུ་བཞི་ལས་གཡོན་རུའི་ཆ་རྩེད་ཐང་དུ་སྐུ་འཁྲུངས། སྟག་ཚང་རྭ་སྟོད་དང་། རྒྱུད་སྟོད་རྣམས་སུ་མདོ་སྔགས་ཀྱི་གཞུང་ལུགས་ལ་གསན་བསམ་དཔྱིས་ཕྱིན་མཛད། ཕྱི་ལོ་ ༡༦༦༢ ཆུ་ཕོ་རྟའི་ལོར་གསེར་ཁྲིར་ཕེབས་ཤིང་ལོ་ ༧ བར་ལུགས་གཉིས་ཀྱི་འཕྲིན་ལས་རྒྱ་ཆེར་བསྐྱངས། དགུང་ལོ་ ༧༣ ཕེབས་པ་ཕྱི་ལོ་ ༡༦༧༢ ཆུ་ཕོ་བྱི་བའི་ལོར་རྒྱལ་ཁང་རྩེ་ནས་ཞིང་དུ་གཤེགས།