From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བློ་བཟང་སྦྱིན་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་ ༤༣ པ་རྣམ་ཐར་ཡང་མ་རྙེད།
|
བློ་བཟང་སྦྱིན་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་ ༧༡ པ་དང་དགའ་ཁྲི་ ༧༩ བློ་བཟང་སྦྱིན་པ་ནི། མདོ་སྟོད་སྣང་བཟང་སྡེ་རོང་རྫོང་སའི་ཁུལ་གཡུ་སྨད་དཔེ་སྐོར་ནང་དུ་སྐུ་འཁྲུངས། ནར་སོན་པ་ན་ཡུལ་དབུས་སུ་ཕེབས་ཏེ། ཤར་རྩེ་གྲྭ་ཚང་དུ་སྒྲིགས་ཞུགས་གནང་སྟེ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་རིམ་གྱིས་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་ཐར་སོན་ཏེ་སྨོན་ལམ་གྲྭ་སྐོར་མཛད། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེའི་སྙིང་པོ་ཀུན་ལ་སྦྱངས་པར་མཛད་རྗེས། རིམ་གྱིས་བླ་མ་དབུ་མཛད་དང། མཁན་ཁྲིར་ཕེབས་ཤིང་། རྒྱུད་ཀྱི་འཆད་ཉན་ལོ་མང་གནང་ནས་གོང་མའི་རྣམ་ཐར་བདག་གིར་མཛད། དེ་ནས་རིམ་གྱིས་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ཤིང་། ཕྱི་ལོ་ ༡༨༦༧ མེ་མོ་ཡོས་ཀྱི་ལོར་དགའ་ཁྲིར་ཕེབས། ཕྱི་ལོ་ ༡༨༧༠ ལྕགས་རྟ་བར་ཁྲི་ལོ་བཞི་བསྐྱངས་ཏེ་དགའ་ལྡན་ཡིད་དགའ་ཆོས་འཛིན་ཕོ་བྲང་དུ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་ཚུལ་བསྟན།
|