From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྲོ་བོ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། མཉམ་པ་ཉིད་རྟོགས་པས་མཚན་རྟོག་ངང་གིས་འཇོམས་པའི་ཁྲོ་བོར་གྱུར་པ། ཐུགས་རྗེ་དང་སྨོན་ལམ་གྱིས་གདུལ་བྱ་འདུལ་བའི་ཤུགས་ཀྱིས་ཁྲོ་བོར་གྱུར་པ། ཐུགས་རྗེའི་འདུ་འཕྲོ་ཁྲོ་བོར་གྱུར་པ་དང་ལྡན་པ་ཁྲོ་བར་བཅས་པ། གདུལ་བྱ་ལ་སྤྲུལ་པའི་ཁྲོ་བོ་ལྟར་སྣང་བར་བཅོས་པ་དང་བཞི། ཡང་ན་ངང་གིས་ཁྲོ་བོ། ཤུགས་ཀྱིས་ཁྲོ་བོ། ཁྲོ་བར་བཅས་པ། བཅོས་པའི་ཁྲོ་བོ་དང་བཞི། དེ་དག་ལས་དང་པོ་ཡེ་ཤེས་ཀྱི་ཁྲོ་བོ་དང་། ཕྱི་མ་གསུམ་ཐུགས་རྗེའི་ཁྲོ་བོར་བསྡུས་པར་གསུངས།
|
| Domain
|
ཆོས་ལུགས།
|
ཁྲོ་བོ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ཁྲོ་བོ་བཞི་ནི། ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། ཁྲོ་བོ་རྟ་མགྲིན་དང་། ཁྲོ་བོ་སྟོབས་པོ་ཆེ་དང་། ཁྲོ་བོ་གཤིན་རྗེ་གཤེད་དོ། །
|