49395
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་ལུང་ན་ཞལ་མི་གསལ་ཡང་། ཊཱི་ཀ་ལས་དགེ་སློང་མའི་དགེ་འདུན་ཆོས་བཞིན་དུ་ལས་བྱེད་པ་ལ་སྦོམ་དགའ་མོས་འདུན་པ་ཕུལ་བ་ན། དགེ་འདུན་གྱི་ལས་དེའི་ཉིན་མོ་མ་བྱས་ནས། ཕྱི་དེ་ཉིན་མོ་བྱ་བར་བརྩམས་ཏེ། སྦོམ་དགའ་མོ་ལ་སྦྲན་པ་དང་། དེ་འོང་དུ་མ་བཏུབ་སྟེ་ཁོ་མོས་འདུན་པ་ཕུལ་ཟིན་ཏོ། །ནམ་ཕུལ། ཉི་མ་སྔ་མ་ལའོ། །ཞག་ལོན་པའི་འདུན་པ་དབུལ་དུ་རུང་ངམ། དེས་སྨྲས་པ་འདུན་པ་སྔར་ཕུལ་བ་དེ་ཆག་གམ་རུལ་ཏམ་ཅི་ཉེས་ཟེར་བ་ལས་བཅས་པ་ཡིན་ནོ་ཞེས་སོ། །དགག་བྱ་ནི་དགེ་འདུན་མ་ལ་གནོད་པའོ། །དགེ་སློང་མས་དགེ་འདུན་མའི་ལས་ལ་འདུན་པ་ཕུལ་ནས་ཞག་ལོན་པའི་འདུན་པ་དེ་ཉིད་སྦྱིན་ཏེ་འདུན་པ་ཕྱི་མ་མི་སྟེར་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དེ་ཡང་མི་སྟེར་བའི་ཚིག་སྨྲས་ཏེ་གོ་ནའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཞག་སྔ་མ་ལ་འདུན་པ་ཕུལ་ནས། ཞག་ཕྱི་མ་ལ་འདུན་པ་མི་འབུལ་བ་ནི། བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |