49451
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་སློབ་མ་དང་གྲོགས་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། གཟི་བྱིན་སྨིན་ལ་བྱིན་ཆགས་པ། བློ་ལྡན་ཐབས་མཁས་བློན་པོའི་གྲོགས། ཞེེས་གསུངས་པས། དེ་ལ་ཡང་ལུས་ལ་གཟི་བརྗིད་ལྡན་པ་ངག་ལ་མཐུ་བྱིན་ཆགས་པ་ཡིད་ལ་རྣམ་དཔྱོད་ཀྱི་བློ་དང་ལྡན་ཞིང་གྲོས་ཐབས་ལ་མཁས་པའི་གྲོགས་ལ་བྱའོ། ། |
| Domain | ཆོས་ལུགས། |