49477

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་སྦྱོང་ཐུན་བརྒྱད་མ་ (1)
Part of speech མིང་ཚིག
Definition བཀའ་གདམས་པའི་དགེ་བཤེས་སྟོན་པའི་མན་ངག་སྟེ། ཟས་ལ་བརྟེན་པའི་བློ་སྦྱོང་དང༌། དབུགས་ལ་བརྟེན་པའི་བློ་སྦྱོང༌། ལུས་གངྒཱའི་བྱེ་མ་སྙེད་དུ་སྤྲུལ་པ་ལ་བརྟེན་པའི་བློ་སྦྱོང༌། ཤ་ཁྲག་ལ་བརྟེན་པའི་བློ་སྦྱོང༌། གཏོར་མ་ལ་བརྟེན་པའི་བློ་སྦྱོང༌། འབྱུང་བ་ལ་བརྟེན་པའི་བློ་སྦྱོང༌། ལུས་ཡིད་བཞིན་གྱི་ནོར་བུར་སྤྲུལ་ཏེ་བློ་སྦྱོང་བ། འཆི་བ་མན་ངག་བློ་སྦྱོང་བཅས་དམིགས་ཐུན་བརྒྱད་དུ་དྲིལ་ནས་སྟོན་པའོ། །
Domain ཆོས་ལུགས།