49484

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློད་ (1)
Part of speech བྱ་ཚིག
Definition གྲོས་བྱས་པ་ལ་འཇུག་སྟེ། ཏུན་ཧོང་གཏེར་ཡིག་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ལས། དམག་དཔོན་སུས་བྱ་ཞེས་བློད་ན། སེང་གོ་མྱི་ཆེན་གྱིས། ཁོ་བོས་རྔོ་ཐོག་ཆེས་ཁས་བླངས་སོ་ཞེས་བཤད་པ་བཞིན་ཏེ།
Type བརྡ་རྙིང་།
Transitive བྱ་བྱེད་ཐ་དད་པ།
Future [བླད།, སང་ཉིན་རྒྱལ་བློན་དམག་བྱུས་ལ་བླད་རྒྱུ།]
Present [བློད།, དམག་འཐབ་ཀྱི་སྐོར་ལ་དམག་དཔོན་རྣམས་བློད་བཞིན་པའི་སྐབས།]
Past [བླད།, རྒྱལ་བློན་བླད་ནས་ཐག་བཅད་པ།]
Imperative [བློད།, གལ་ཆེ་དུས་མཁས་པ་རྣམས་འདུས་ནས་དཀའ་གནད་ལ་བློད་ཅིག་ལྟ་བུ།]
བློད་ (2)
Part of speech བྱ་ཚིག
Definition སོས་ལྡད་པ་དང་དོན་གཅིག་པའི་མུར་བ་ལ་འཇུག་ཏེ།
Future [བླད།, བླད་བྱའི་ཟས།]
Present [བློད།, ཤ་སྐམ་བློད་བཞིན་པ།]
Past [བླད།, རུས་པ་བླད་ནས་སོ་ལྷུང་།]
Imperative [བློད།, ཤ་བློད་ཅིག་ལྟ་བུ།]