49487

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློན་ཁྲི་བཟང་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་སྨད་དུ་འཁྲུངས་། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་བློན་ཞིག་ཡིན་ཏེ། ཐང་ཡིག་གསར་རྙིང་ལས་བྷོད་ཀྱི་ཕོ་ཉ་བ་བློན་ཁྲི་བཟང་སྐྱེས་འབུལ་དུ་འོངས། དེ་ཕྱིར་ལོག་སྐབས་ས་མཚམས་སུ་མ་སླེབས་གོང་དུ། བྷོད་དམག་ཡུག་ཀྲིག་ལ་དྲངས་ཏེ། ཏིན་ཡོན་མཁར་དུ་ལིན་ཀྲིག་སྲུང་བའི་དམག་དང་འཐབ་སྟེ་བྷོད་དམག་ཕམ། དམག་མི་ཉིས་སྟོང་གཡུལ་དུ་ཤི། ཕཱིན་ལེང་ཀྲིན་ཨེ་ཧྲིའི་ཐབས་ཡོད་པ་ཧི་ཚི་བྱ་བས་བྷོད་དམག་ཉིས་ཁྲི་ཕམ་པར་བྱས། ཞ་ཀྲིག་ཅེ་ཏུའུ་ཧྲིའི་ཐབས་ཡོད་པ་ཐཱེན་ཅིན་བྱ་བས་བྷོད་དམག་སུམ་སྟོང་ཕམ་པར་བཏང་། གོང་མས་བློན་ཁྲི་བཟང་སོགས་ཕྱིར་བཏང་མི་ཆོག་པའི་བཀའ་བབས། ཅན་ནན་གྱི་སྲུང་དམག་གིས་བྷོད་ཀྱི་ཨོ་ཧི་མཁར་དང་ཆུ་ཤུས་མཁར་གཉིས་བཅོམ། ཡོན་ཧི་ཁྲི་ལོ་བཅུ་བཞི་པར་ཕྱི་ལོ ༨༡༩བློན་ཁྲི་བཟང་སོགས་བྷོད་དུ་བཏང་། ཞེས་བཀོད་ཡོད།