49495
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བདུན་པའི་སྟོད་དུ་འཁྲུངས། རྒྱལ་པོ་མང་སྲོང་མང་བཙན་གྱི་བློན་པ་ཡིན། གཞོན་དུས་ནས་རྒྱ་ཡུལ་དུ་ཕེབས། རྒྱ་ཡིག་དང་རྒྱ་སྐད་སློབ་གཉེར་མཛད། ཆུ་སྤྲེལ་ཕྱི་ལོ་ ༦༧༢ ལོར་རྒྱལ་པོ་མང་སྲོང་མང་བཙན་གྱིས་ཐང་རྒྱལ་རབས་ཀྱི་གོང་མའི་ཕོ་བྲང་དུ་ལེགས་སྐྱེས་འབུལ་བའི་ཕོ་ཉ་བཏང་། ཐང་གོང་མས་བོད་ཀྱི་གནས་ཚུལ་བཀའ་འདྲི་མཛད་པའི་ལན་དུ་ང་ཚོའི་རྒྱལ་པོ་ནི་མཁྱེན་རྒྱ་དང་སྙིང་སྟོབས་བཙན་པོ་སྔ་མ་ལས་ཀྱང་ལྷག་ཙམ་བཞུགས། ཆབ་སྲིད་ལ་དོ་དམ་ཆེ་ཞིང་། བློན་པོ་རྣམས་ཀྱིས་དབུ་སྐོར་ཞུ་མི་ཐུབ་པ་ཞིག་ཡོད། བོད་འབངས་རྣམས་གྲང་ངར་ཆེ་བའི་ཡུལ་དུ་གནས་པས་སྟོན་ཐོག་ཉུང་ཞིང་ནོར་ཕྱུགས་བསྐྱངས་བ་ཡིན། མཚོ་ནག་གི་བྱང་ངོས་སུ་དབྱར་ཁ་ཡང་གངས་མི་བཞུ་བར་སྡོད་ཡོད། མི་རྣམས་དབྱར་དུས་སུ་བལ་གྱི་ཕྱིང་བ་དང་། དགུན་ཁ་སློག་པ་གྱོན་ཞིང་། ལུང་ཁུག་ཏུ་བབས་ཏེ་སྦྲ་གུར་སོགས་ཕུབ་ནས་སྡོད་ཀྱི་ཡོད། དུས་རྒྱུན་རྩྭ་ཆུ་བཟང་སར་སྡོད་ཀྱི། ཚོང་ཟོག་ནི་རྒྱའི་ཡུལ་ལས་ཧ་ཅང་དཀོན། ཡིན་ནའང་དབུལ་ཕྱུག་ཚང་མ་བློ་སེམས་གཅིག་ཏུ་མཐུན་ཞིང་། གཅིག་རོགས་གཅིག་གིས་བྱེད་པ་ཡིན་པས་བོད་ཀྱི་རྒྱལ་ཁམས་སྟོབས་ཤུགས་ཆེ་བའི་རྒྱུ་མཚན་ཡང་དེ་ཡིན་ཞེས་སོགས་ཀྱི་གནས་ཚུལ་དེབ་དཀར་དུ་གསུངས། |