49500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློན་པོ་རེ་རལ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཅུང་ཟད་སྦོམ་ལ་ཚིགས་པའི་དབྱིབས་དོད་པ་སྤུ་སེར་འཇམ་པོ་མཐུག་པོས་བཏུམས་ཤིང་། བར་ལྗང་གུ་ཅན་ཕྲེད་དེ་སྲེ་མོང་ཉལ་འདྲ་སྐྱེ་བ་དང་། ལོ་མ་ལྗང་གུ་མཐུག་ཅིང་གྱོང་བ་སྒྲོ་དབྱིབས་སམ་མེ་རིས་འདྲ་བའི་རྒྱབ་ཏུ་གསེར་ཐིག་བྲེ་གུ་འབྲུམ་ཐོར་འདྲ་བ་མང་པོ་ཡོད་པ། རྩ་རིས་དྲ་བ་ལྟར་གྱེས་པ་གསལ་པོར་མངོན་ཞིང་ལོ་མ་སྤྱིའི་ངར་བ་ཅུང་ཟད་རིང་བ་གཞི་རྩ་ནས་གྲལ་སྟར་བཞིན་སྐྱེ་བ་དགུན་དུས་ཀྱང་མ་ཉམས་པར་རང་མདོག་ཏུ་སྡོད་པ་དེར་མེ་ཏོག་སོགས་མེད།
Domain གསོ་རིག