49513
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱལ་པོ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་ཏེ། འཁྲུངས་ཡུལ་སྟོད་ལུང་རམ་པ་ཡིན། དེང་སང་གནས་དེར་མགར་གྱི་ཕོ་བྲང་ཆགས་པའི་ཡུལ་ཡིན་ཟེར་བ་མཐོང་རྒྱུ་ཡོད། རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་ལྟར་བལ་ཡུལ་དུ་སོང་ནས་བལ་བཟའ་ཁྲི་བཙུན་དང༌། རྒྱ་ནག་ཏུ་སོང་ནས་རྒྱ་བཟའ་ཀོང་ཇོ་གཉིས་སྲོང་བཙན་གྱི་བཙུན་མོར་གདན་དྲངས། བཙན་པོ་མང་སྲོང་མང་བཙན་གྱིས་སྲིད་དབང་བཟུང་སྐབས་ལོ་བཅོ་ལྔའི་རིང་བཙན་པོར་ཆབ་སྲིད་སྐྱོང་རོགས་བྱས། བོད་ལ་རུ་བཞི་དང་སྟོང་སྡེ་དྲུག་བཅུ་རྩ་བཞིར་བགོས་ནས་དམག་སྲིད་ཟུང་འབྲེལ་གྱིས་སྲིད་དབང་འཛུགས་པ་དང༌། ས་ཞིང་གི་རྒྱ་ཁྱོན་རྩིས་ནས་ཁྲལ་བསྡུ་བའི་ལམ་ལུགས་འཛུགས་པ། ས་ཞིང་འབངས་ལ་དབང་བ་དང༌། དམག་དཔུང་ལ་དབང་བ། དམག་དཔོན་ལ་དབང་དང༌། བློན་ཆེན་ལ་དབང་བ། རྒྱལ་པོ་ལ་དབང་བ་སོགས་རིགས་ལྔར་བགོས་ཏེ། བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་འཛུགས་པ་སོགས་བྱས་རྗེས་ཆེན་པོ་བཞག ཚེ་སྨད་འ་ཞའི་ཡུལ་དུ་སྔ་རྗེས་བསྡོམས་ལོ་དྲུག་དང་གྲུ་གུའི་ཡུལ་དུ་ལོ་གཅིག་བཅས་མཐའ་སྲུང་བློན་ཆེན་གྱི་ལས་འགན་ཁུར། མེ་ཡོས་ཕྱི་ལོ་ ༦༦༧ ལ་འ་ཞའི་ཡུལ་ནས་བོད་དུ་ཕྱིར་ལོག་བྱས་པའི་ལམ་བར་ཟིང་མདའ་ཟེར་བའི་ས་ཆར་སླེབས་སྐབས་གཉན་འབྲས་ཀྱི་ན་ཚ་བྱུང་ནས་གཤེགས། |