49515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློའི་གཞན་སེལ་ (1)
Part of speech མིང་ཚིག
Definition མ་ཡིན་དགག་གི་གཞན་སེལ་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཉིས་པ་(བློའི་གཞན་སེལ་)ནི། རྟོག་པ་ལ་བུམ་མ་ཡིན་ལས་ལོག་པར་སྣང་བ་ལྟ་བུ། ཞེས་གསུངས།
Domain ཚད་མ།
བློའི་གཞན་སེལ་ (2)
Part of speech མིང་ཚིག
Definition རང་ཉིད་བརྗོད་པའི་སྒྲས་རང་གི་དགག་བྱ་དཀག་པའི་ཤུལ་དུ་སྒྲུབ་པ་འཕངས་ནུས་པའི་གཞན་སེལ་ཡིན་དགོས་པ་གཞི་བཅས་ལ་རྟོག་པས་སྤྲོས་པ་ཙམ་ལས་རྫས་སུ་མ་གྲུབ་པ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། མ་ཡིན་དགག་གི་གཞན་སེལ་གང་ཞིག རྟོག་པས་བཏགས་པ་ཙམ་དེ་དང་པོའི་མཚན་ཉིད།