49519
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། བློའི་མཚན་ཉིད་བདུན་ནི། གསང་སྔགས་མ་ཧཱ་ཡོ་གའི་སྣོད་དུ་གྱུར་པའི་གང་ཟག་གམ་མ་ཧཱ་ཡོ་གའི་རྟེན་གྱི་གང་ཟག་ལ་ལྡན་དགོས་པའི་མཚན་ཉིད་རྣམ་པ་བདུན་ཏེ། ཐེག་དགུ་སྤྱི་ཆིངས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ལས། གསང་སྔགས་མ་ཧཱ་ཡོ་གའི་རྟེན་གྱི་གང་ཟག་འདི་ཉིད་བློའི་མཚན་ཉིད་བདུན་ལྡན་ཞིག་དགོས་པར་བཤད་དེ། དེ་ཡང་བློ་མཐོ་བ་ནི་ནམ་མཁའ་ལྟ་བུ། བརྟན་པ་རི་རབ་ལྟ་བུ། མྱུར་བ་གློག་ལྟ་བུ། རྣོ་བ་རལ་གྲི་ལྟ་བུ། རྒྱ་ཆེ་བ་ས་གཞི་ལྟ་བུ། ཡངས་པ་བར་སྣང་ལྟ་བུ། ཟབ་པ་རྒྱ་མཚོ་ལྟ་བུ་དང་བདུན་ཡིན་ནོ། །ལམ་རིམ་ལས། མཐོ་བརྟན་མྱུར་རྣོ་རྒྱ་ཆེ་དང་། །ཟབ་ཡངས་རྒྱུ་ཡི་གང་ཟག་ཡིན། །ཞེས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |