49520
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་འབྱེད་པའི་ལྡེ་མིག་ཡན་ལག་དྲུག་ལས་སྦྱོར་བའི་ཡན་ལག་གི་ནང་གསེས་ཤིག་སྟེ། གང་བློའི་ཤེས་རབ་ཀྱིས་ཤེས་བྱའི་ཡུལ་ལ་སྦྱོར་བའི་ཕྱིར་བློའི་ཡུལ་ལ་སྦྱོར་བ་ཞེས་བྱ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། འདི་རྣམས་ཀྱིས་ཚོགས་སྦྱོར་དུ་ཐོས་བསམ་གྱི་ཤེས་རབ་ལ་བསླབ་པས་ཤེས་རབ་གསུམ་གྱིས་དོན་རྙེད་ནས་ཕར་ཕྱིན་བཅུས་ས་བཅུ་མཐར་ཕྱིན་ཏེ་ཁྱད་པར་གྱི་ལམ་ནས་སངས་རྒྱས་ཀྱི་ས་ལ་སྦྱོར་བའི་ཕྱིར་བློ་ཤེས་རབ་ཀྱིས་ཡུལ་ཆོས་ཀྱི་དབྱིངས་ལ་སྦྱོར་བའི་ཁྱད་པར་རྣམས་བསྟན་པའོ། །ཞེས་གསུངས། ཕྱེ་ན་མོས་སྤྱོད་དང་། མཐོང་ལམ་དང། སྒོམ་ལམ་དང་། མཐར་ལམ་བཅས་བཞིའོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |