49528

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློས་བསླངས་ (1)
Part of speech མིང་ཚིག
Definition རྟོག་འཆར་ལ་བརྟེན་ནས་གང་ཞིག་གསར་དུ་བསྐྲུན་པ་སྟེ།
Example རྩོམ་ཡིག་འདི་རྩོམ་པ་པོས་བློས་བསླངས་བྱས་ནས་བྲིས་པ་ཞིག་རེད་ལྟ་བུ།
བློས་བསླངས་ (2)
Part of speech མིང་ཚིག
Definition རྒྱུད་སྡེ་བཞིའི་ཡི་དམ་རྣམས་ལ་དཀྱིལ་འཁོར་ལ་རི་མོར་བྲིས་པའི་རྡུལ་ཚོན་དང༌། རས་བྲིས། བློས་བསླངས་བཅས་གསུམ་ཡོད་པའི་ནང་གསེས་གསུམ་པ་བློས་བསླངས་ཏེ། ཕྱི་གཞལ་ཡས་ཁང་ཕོ་བྲང་གི་རྣམ་པ་ལྟ་བུ་ལ་ནང་དུ་ཡི་དམ་གྱི་ལྷ་རྣམས་བཞུགས་པའི་དཀྱིལ་འཁོར་འབུར་དུ་དོད་པ་ཞིག་ཡིན། དེ་ལ་འཇིམ་པས་བཟོས་པ་དང་། ཤིང་ལས་བཟོས་པ། གསེར་དངུལ་སོགས་རིན་པོ་ཆེ་ལས་བཟོས་པ་བཅས་སྣ་ཚོགས་ཡོད།
Domain ཆོས་ལུགས།