4953

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་དོན་ཡོད་ཞབས་ཀྱིས་མཛད་པའི་ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། འདིའི་མཚན་བོད་སྐད་དུ་སྨོས་པ་ལ་“བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བའི་སྦྱིན་སྲེག་གི་ཆོ་གའི་རིམ་པ་”ཞེས་དང་། མཇུག་ཏུ་“བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བའི་སྦྱིན་སྲེག་གི་ཆོ་གའི་རིམ་པ་དང་དངོས་གྲུབ་ཀྱི་ཚུལ་ངེས་པར་བསྟན་པ་ཞེས་བྱ་བ། སློབ་དཔོན་དོན་ཡོད་ཞབས་ཀྱིས་མཛད་པ་རྫོགས་སོ་”ཞེས་འཁོད་པ་ལ། བུ་སྟོན་དང་པེ་ཅིང་པར་མ་དང་སྣར་ཐང་པར་མ། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་ཆོས་ཚན་གཉིས་བགྲང་འདུག་ཀྱང་། གཞུང་དངོས་ལ་ཆོས་ཚན་གཉིས་ཀྱི་མཚམས་དེ་ཙམ་མི་གསལ། ཡང་འདིའི་འཕྲོ་ལ་སྦྱིན་སྲེག་གི་མཆོད་པ་ཞེས་པ་རྐང་པ་ཉེར་བཞི་ཅན་ཞིག་བཞུགས་ལ། མཇུག་ཏུ་“གོང་མ་དང་དགོངས་པ་མི་གཅིག་པ་ཅུང་ཟད་བྲིས་པའོ་”ཞེས་འཁོད་ཀྱང་། དཀར་ཆག་ཁག་ཏུ་དེའི་མཚན་མི་གསལ། བསྟན་འགྱུར་རྒྱུད་ཏུ་པར་བཞུགས། 2 འདིའི་མཇུག་མི་ཚང་། རྣམ་སྣང་མངོན་བྱང་རྒྱུད་འགྲེལ་ལ་སོགས་སྐོར་ལྔ་དང་འཇམ་དཔལ་གསང་རྒྱུད་ཆོས་སྐོར་གསུམ། །ཁྲོ་བོ་རྣམ་རྒྱལ་རྟོག་པའི་འགྲེལ་པ་གཅིག ། སྤྱོད་པའི་རྒྱུད་ཀྱི་ཆོས་སྐོར་དགུ་བཞུགས་སོ། །བསྟན་འགྱུར་རྒྱུད་ཏུ་པར་བཞུགས།