49607

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྷན་དྷ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་འདུས་དོན་རྒྱུད་ནང་གསལ། སྔོན་ཁྲོ་བོ་ལྷ་རྒོད་ཐོག་པས་གནམ་བདུད་ཐུ་ལུམ་བསྒྲལ་བའི་སྐབས་སུ། ཐོད་པ་འབན་དྷ་ཞལ་བུ་བྱས། ཞེས་པས། བདུད་དེའི་ཐོད་པ་ཞལ་ཕོར་བྱས་པར་གསུངས་པ་བཞིན་མི་ཡི་ཐོད་པ་ལ་བཤད་དོ། །ཞལ་བུ་ཞེས་པ་ཡང་ཞལ་ཕོར་ཟེར་བ་དང་གཅིག་གོ །དེང་སྐབས་ཁྲོ་འཆམ་སྐབས་སུ་ཕྱག་མཚན་ལ་དེའི་དོན་མཚོན་དུ་ཤིང་སོགས་ལས་ཐོད་པའི་བཟོ་དབྱིབས་སུ་བྱས་ཏེ་ཕྱག་མཚན་དུ་བྱ་སྲོལ་ཡང་ཡོད་དོ། །
Domain ཆོས་ལུགས།