4965

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་བོའི་ཆོས་ཚན་སུམ་ཅུ་སོ་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཁྲོ་བོའི་ཆོས་ཚན་སུམ་ཅུ་སོ་ལྔ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་ལས། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག། ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་བཞུགས་པ་ལས། གཉིས་པ་ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག་གི་བྱེ་བྲག་ལ་ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་སུ་གསུངས་པའི་ཡ་གྱལ། ཁྲོ་བོའི་སྒྲུབ་ཐབས་ཀྱི་ཆོས་ཚན་སོ་ལྔ་སྟེ། ཁྲོ་བོའི་རྩ་བའི་སྒྲུབ་ཐབས་ལྔ་དང་། དེ་རེ་རེའི་སྒྲུབ་ལུགས་ལྔ། དེའི་སྟེང་ཁྲོ་བོའི་ཡན་ལག་གི་སྒྲུབ་ཐབས་ཉེར་ལྔ་བཅས་ཆོས་ཚན་སུམ་ཅུ་སོ་ལྔའོ། །རྒྱས་པར། ཁྲོ་བོའི་རྩ་བའི་སྒྲུབ་ཐབས་ལྔ་དང་། ཁྲོ་བོའི་ཡན་ལག་གི་སྒྲུབ་ཐབས་ཉེར་ལྔའི་སྐབས་སུ་གཟིགས།
Domain ཆོས་ལུགས།