49770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྷེ་ལ་ཧེ་ཏའི་ནགས་ཁྲོད་ (1)
Part of speech མིང་ཚིག
Definition བྷེ་ལ་ཧེ་ཏའི་ནགས་ཁྲོད་ནི། ཕྱོགས་བཅུའི་མུན་སེལ་གྱི་མཇུག་རྩོམ་དུ། ཀུན་མཁྱེན་ཀློང་ཆེན་པའི་སྔོན་རབས་ཀྱི་སྐྱེ་གནས། ཡུལ་ཀཾ་རུའི་ཤར་ཕྱོགས་ཀྱི་ལུང་པ་ཞིག་ཡིན་པར་གསུངས་ཏེ། ཕྱོགས་བཅུའི་མུན་སེལ་ལས། སྔོན་རབས་སྐྱེ་བར་ཀྃ་རུའི་ཤར་ཕྱོགས་བྷེ་ལ་ཧེ་ཏའི་ནགས་ཁྲོད་དུ། །མ་ཧཱ་མི་ཏྲ་པདྨའི་རྗེས་སློབ་ཕྱི་ནང་གྲུབ་པའི་དོན་ཀུན་ཤེས། །དེ་ལས་འདིར་འོངས་མདོ་རྒྱུད་གསལ་བའི་བློ་གྲོས་དམ་པ་ངང་གིས་གྲུབ། །ཟབ་དོན་སྙིང་པོའི་བདུད་རྩིས་རབ་བརླན་ངེས་གསང་སྙིང་པོའི་ཚུལ་འདིར་མོས། །ཞེས་གསུངས་སོ། །
Foreign ཟུར་ཆག