4980

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་བོའི་ཡན་ལག་གི་སྒྲུབ་ཐབས་ཉེར་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཁྲོ་བོའི་ཡན་ལག་གི་སྒྲུབ་ཐབས་ཉེར་ལྔ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་གཉིས་པ་ལའང་། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་སུ་བཤད་པའི་གཉིས་པ། ཁྲོ་བོ་ལའང་རྩ་བ་དང་ཡན་ལག་གི་སྒྲུབ་ཐབས་གཉིས་སུ་གསུངས་པ་ལས། གཉིས་པ་ཡན་ལག་གི་སྒྲུབ་ཐབས་ཉེར་ལྔ་སྟེ། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། ཡན་ལག་གི་སྒྲུབ་ཐབས་ཉི་ཤུ་རྩ་ལྔ་ལ༔ བྱིན་རླབས་ཀྱི་སྒྲུབ་ཆེན་ལྔ༔ ཡན་ལག་གི་ལས་ཆེན་ལྔ༔ ཕྲིན་ལས་ཀྱི་གཟེར་ཆེན་ལྔ༔ ཉམས་ཆག་གི་སྐོང་ལྔ༔ བསྟོད་བསྐུལ་གྱི་བྱེ་བྲག་ལྔའོ༔ ཞེས་དང་། བཀའ་བརྒྱད་རྣམ་བཤད་ལས། ཁྲོ་བོ་ལའང་རྩ་བ་དང་ཡན་ལག་གི་སྒྲུབ་ཐབས་གཉིས་སུ་བཀོད་པ་ལས། ཞེས་དང་། ཡན་ལག་གི་སྒྲུབ་ཐབས་ལ་ལྔ་ལྔ་ཉེར་ལྔར་བཀོད་དེ། དེ་ཡང་། བྱིན་རླབས་ཀྱི་སྒྲུབ་ཆེན་ལྔ། ཕན་གདགས་པའི་ལས་ཆེན་ལྔ། ཕྲིན་ལས་ཀྱི་གཟེར་ལྔ། ཉམས་ཆག་གི་སྐོང་ཆེན་ལྔ། བསྟོད་བསྐུལ་གྱི་བྱེ་བྲག་ལྔ་བཅས་སོ། །ཞེས་གསུངས་པ་ལྟར། སྐབས་འདིར་ཡན་ལག་གི་ལས་ཆེན་ལྔ་ལ་ཕན་གདགས་པའི་ལས་ཆེན་ལྔ་ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཁྲོ་བོའི་ཡན་ལག་གི་སྒྲུབ་ཐབས་ཉེར་ལྔ་

|; |@@@ | | }}