4981

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་བོའི་རྒྱལ་པོ་ (1)
Part of speech མིང་ཚིག
Definition དྲག་པོའི་སྐུར་བཞེངས་པའི་ལྷ་རྣམས་ཀྱི་གཙོ་བོའི་མིང་།
Domain ཆོས་ལུགས།
ཁྲོ་བོའི་རྒྱལ་པོ་ (2)
Part of speech མིང་ཚིག
Definition ཁྲོ་བོའི་རྒྱལ་པོ་ནི། གསང་བའི་བདག་པོ་ལག་ན་རྡོ་རྗེ་སྟེ། འཇམ་དཔལ་མཚན་བརྗོད་ལས། ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །ཞེས་དང་། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། འགྲོ་བའི་མགོན་མཛད་པ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་སངས་རྒྱས་ཐམས་ཅད་ཀྱིས་ལས་ཀྱི་ཁྲོ་བོར་དབང་བསྐུར། དབང་རྟགས་སུ་ལག་ཏུ་རྡོ་རྗེ་གཏད། གསང་མཚན་དུ་ལག་ན་རྡོ་རྗེ་ཞེས་བཏགས་པས་ན། ཁྲོ་བོའི་རྒྱལ་པོའོ། །ཞེས་གསུངས།