49831

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་ཀྱི་ཡི་གེ་བཅུ་དྲུག་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་མཆུ་དང་། བྱེད་པ་མཆུ་སྦྱར་ཞིང་བཙུམ་པ། སྒྲ་འབྱིན་ཚུལ་ཆེས་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་ཤིན་ཏུ་མོའི་ཡི་གེ་ཞིག
མ་ (2)
Part of speech མིང་ཚིག
Definition སྐྱེད་བྱེད་ཀྱི་ཨ་མའི་མིང་སྟེ།
Keyword True
Example ཕ་མ་གཉིས། མ་ཡིས་བསྐུར་པའི་འཕྲིན་པ། བརྩེ་བའི་མ་དང་མ་མཇལ་ནས་ཡུན་རིང་སོང་ལྟ་བུ།
མ་ (1)
Part of speech གྲོགས་ཚིག
Definition མིང་ཞིག་གི་མཐར་གསར་དུ་སྦྱར་ནས་མོ་རྟགས་མཚོན་པའི་བདག་སྒྲ་ལ་འཇུག་སྟེ།
Example བཙུན་མ། མཁའ་འགྲོ་མ། ཟློས་གར་མ་ལྟ་བུ།
མ་ (1)
Part of speech ཕྲད་ཚིག
Definition ཐ་སྙད་ཅིག་གི་ཐོག་མར་སྔར་མེད་པ་ལ་གསར་དུ་སྦྱར་ཚེ། སྦྱར་ཡུལ་གྱི་དོན་དེ་མེད་པའམ་མ་ཡིན་པར་སྟོན་བྱེད་ལ་འཇུག་སྟེ།
Keyword True
Example མ་མཐོང། སེམས་ལ་མ་དྲན། མ་རིག དངོས་གནས་མ་ཤེས་ལྟ་བུ།