From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་ཀླས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
གཞན་ལ་གུས་ཞབས་མེད་པའམ་ཁྱད་གསོད་བྱེད་པའི་དོན་ལ་འཇུག་སྟེ།
|
| Example
|
འདུལ་བ་ལུང་གཞི་ལས། གཉིད་ལོག་པར་བྱེད་པ་དང༌། སྙོམ་པར་འཇུག་པར་བྱེད་པ་ནི་རྒྱུ་གཉིས་ཀྱིས་སྨད་ར་བྱ་བ་ཡིན་ཏེ། ངོ་ཚ་མེད་པ་ཉིད་གང་ཡིན་པ་དང༌། མ་ཀླས་པ་ཉིད་གང་ཡིན་པས་སོ། །ཞེས་གསུངས།
|
| Type
|
བརྡ་རྙིང་།
|
མ་ཀླས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཐེ་ཚོམ་ཟ་བའི་དོན་ཏེ། འདུལ་བའི་མདོ་རྒྱ་ཆེར་འགྲེལ་ལས། མ་ཀླས་པ་ཉིད་ཅེས་བྱ་བ་ནི་བསྟན་པ་དེ་ལ་ཐེ་ཚོམ་ཟ་བ་ཉིད་དང༌། ཞེས་གསུངས།
|