49844

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཁ་ངག་དབང་དོན་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ཕྱི་ལོ་ ༡༧༣༢ ལོར་མདོ་སྨད་ཀླུ་ཤོད་དུ་མ་ཁ་ཞེས་པའི་རུས་སུ་འཁྲུངས། ཆུང་ངུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། ཁྲི་ཆེན་ངག་དབང་བསྟན་འཛིན་ལས་བསྡུས་གྲྭའིི་ཚིག་བཞག་ཐོག་མར་མནོས། གཞུང་ཆེན་སྦྱངས་པ་དཔྱིན་ཕྱིན་པ་མཛད། རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་བཞེས། གྲྭ་ཚང་ཐོས་བསམ་གླིང་གི་དགེ་བསྐོས་མཛད་སྐབས་གླིིང་བསྲེ་དང་། རིགས་གྲྭ་སོགས་ཀྱི་འགྲིག་ལམ་ལ་དག་ཐེར་མཛད། རྒྱུད་པ་གྲྭ་ཚང་དུ་གསང་སྔགས་གཞུང་དང་། ཆོ་ག་ཕྱག་ལེན་བཅས་ལ་ལེགས་པར་སྦྱངས། སྔགས་ཀྱི་དམ་བཅའ་ལེགས་པ་ཐོན། ཀུན་མཁྱེན་འཇིགས་མེད་དབང་པོས་བཀའ་ལྟར་ཐོར་གོད་དཀོན་མཆོག་ཛ་སག་གི་བླ་མ་རྒྱུན་རིང་བཞུགས། དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས། ལོ་བདུན་རིང་དུ་འཆད་ཉན་གནང་་གྲྭ་ཁང་ཀ་བ་ཉི་ཤུ་མ་དྲ་གཙང་ཁང་དང་བཅས་པ་གསར་བཞེངས་མཛད། བདུན་ཅུ་ཉེ་བར་སྒྲུབ་པ་ཉམས་ལེན་མཛད་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐུགས་དམ་ཉམས་བཞེས་མཛད། འདས་ལོ་མི་གསལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་བརྒྱད་པ་ཡིན།

{{#arraymap:མ་ཁ་ངག་དབང་དོན་གྲུབ་

|; |@@@ | | }}