49850

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཁྱབ་པའི་མཚན་ཉིད་ (1)
Part of speech མིང་ཚིག
Definition མ་ཁྱབ་པའི་མཚན་ཉིད་ནི། མཚན་ཉིད་བཀོད་པ་གང་ཞིག་མཚན་གཞིའི་ཕྱོགས་གཅིག་ལ་མ་གྲུབ་པའོ། །དབྱེ་ན་དངོས་པོ་ལ་དཔེར་བརྗོད་ན། བ་ལང་གི་མཚན་ཉིད་ནོག་ལྐོག་ཤལ་ཁྲ་བོ་བཀོད་པའམ། དངོས་མེད་ལ་དཔེར་བརྗོད་ན། མེད་དགག་གི་མཚན་ཉིད་རི་བོང་གི་རྭ་བཀོད་པའམ། གཉིས་ཀའི་ཆོས་ལ་དཔེ་བརྗོད་ན་ཤེས་བྱའི་མཚན་ཉིད་རྒྱུས་བསྐྱེད་པ་བཀོད་པ་ལྟ་བུའོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །
Domain ཚད་མ།

{{#arraymap:མ་ཁྱབ་པའི་མཚན་ཉིད་

|; |@@@ | | }}