49856

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་གཅིག་གི་གཅོད་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition མ་གཅིག་གི་གཅོད་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དྲུག་པ་ཡིན། བརྗོད་བྱ། དོན་དམ་ཡུམ་གྱི་རང་ངོ་ངོས་བཟུང་སྟེ། བདུད་བཞི་ཡུམ་གྱི་ངང་དུ་གྲོལ་བའི་ཟབ་ལམ་གཅོད་ཀྱི་ཉམས་ལེན་རྣམས་མདོར་བསྡུས་ནས་བསྟན་ཡོད། བརྒྱུད་རིམ་ནི། ཡུམ་ཆེན་ཤེར་ཕྱིན་བསྟན་གཙོ་སྨྲ་བའི་སེང་། རྗེ་བཙུན་སྒྲོལ་མ་སུ་ཁ་སིདྡྷི་དང་། ཨཱརྱ་དེ་བ་དམ་པ་སངས་རྒྱས་ཞབས། བསོད་ནམས་བླ་མ་མ་ཅིག་ལབ་ཀྱི་སྒྲོན། ཁུ་སྒོམ་ཆོས་སེང་དོལ་བ་ཟང་ཐལ་པ། རྒྱ་ནག་གཅེར་བུ་སངས་རྒྱས་རབ་སྟོན་དང་། སངས་རྒྱས་དགེ་སློང་མཁས་པ་རིན་ཆེན་འོད། རྩད་ཚ་རས་པ་སྐྱེ་མེད་ཇོ་གདན་པ། ཆོས་རིན་གངས་པ་རིན་ཆེན་དཔལ་བཟང་པོ། རིན་ཆེན་གཞོན་ནུ་བསམ་གཏན་འོད་ཟེར་མཆོག ནམ་འོད་ཤཱཀ་འོད་བདེ་ལེགས་རྒྱལ་མཚན་པ། དཔོན་སྲས་ཆོས་ལེགས་ཡིག་དྲུག་ཤེས་རབ་དཔལ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། དོན་ཁྲིད་ལས་བཏུས་སོ། །ཞེས་འབྱུང་ངོ་། །

{{#arraymap:མ་གཅིག་གི་གཅོད་ཀྱི་ཁྲིད་

|; |@@@ | | }}