49864

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་གནང་བ་སྡུད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་བུད་མེད་གཅིག་ཁྱིམ་ཐབ་དང་རྩོད་ཅིང་འདུག་པ་ན། སྦོམ་དགའ་མོས་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་སྨྲས་ཏེ། དེས་དེ་རབ་ཏུ་ཕྱུང་བ་དང་ཁྱིམ་བདག་དེ་ཁ་ཟེར་བ་ལས་སོ། །དགག་བྱ་ནི་དེའི་ཁྱིམ་ཐབ་ལ་གནོད་པར་འགྱུར་བའོ། །བུད་མེད་བདག་པོས་མ་གནང་བ་སྟེ་ཆུང་མ་རབ་ཏུ་འབྱུང་དུ་ཁྱིམ་ཐབ་ཀྱིས་མ་གནང་བ་ཉིད་རབ་ཏུ་འབྱིན་པ་ལ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ཆུང་མ་ཁྱིམ་ཐབས་ཀྱིས་མ་གནང་བ་རབ་ཏུ་འབྱིན་པ་ནི། མ་གནང་བ་སྡུད་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:མ་གནང་བ་སྡུད་པའི་ལྟུང་བྱེད་

|; |@@@ | | }}