49873

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་གསོད་པའི་མཚམས་མེད་ (1)
Part of speech མིང་ཚིག
Definition མཚམས་མེད་པ་ལྔའི་ནང་གསེས་ཤིག། རང་ཉིད་སྐྱེད་པར་བྱེད་པའི་དྲིན་ཆེན་གྱི་མ་གསོད་པ་སྟེ། དེས་རང་གི་ལུས་ཐར་པ་དང་མཐུན་པར་བསྐྱེད་པས་ཕན་འདོགས་པར་བྱེད་པའི་ཞིང་ཁྱད་པར་ཅན་ཡིན་ལ། དེ་བསམ་པས་སྤངས་པ་དང་སྦྱོར་བས་མེད་པར་བྱས་པའི་ཕྱིར་མཚམས་མེད་ཀྱི་ལས་ཡིན་ནོ། །གལ་ཏེ་མའི་མཚན་མ་གཞན་དུ་འགྱུར་ཏེ། སྐྱེས་པ་དེ་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། །གལ་ཏེ་བུད་མེད་གཞན་ཞིག་གི་ནུར་ནུར་པོ་གཞན་གྱི་མངལ་དུ་བླུགས་ན་གཞན་དེའི་མངལ་དུ་བསྐྱེད་ན་བུད་མེད་གཉིས་པོ་ལས་དང་པོ་དེའི་ཟླ་མཚན་ལས་བྱུང་བ་དེ་ཉིད་བུ་དེའི་མ་ཡིན་པས་དེ་བསད་ན་མཚམས་མེད་དུ་འགྱུར་ཏེ། ལུས་སྐྱེད་པའི་གཙོ་བོ་ཡིན་པའི་ཕྱིར་དང་། སེམས་ཅན་དེ་གང་གི་ཟླ་མཚན་ལས་བྱུང་བ་དེ་ཉིད་དེའི་མ་ཡིན་པའི་ཕྱིར་རོ། །དེ་ཡང་བུད་མེད་གཉིས་པ་དེས་ནུ་ཞོ་ལྡུད་པ་དང་གསོ་ཞིང་སྐྱེད་པའི་ཕྱིར་མ་དང་འདྲ་བས་མ་ལ་ཞུ་བའི་བྱ་བ་རྣམས་ཞུ་བར་བྱ་དགོས་པར་སྙམ་པ་དང་། མ་ལ་སྦྱོར་བ་བྱས་ནས་གཞན་བསད་པ་དང་། གཞན་ལ་སྦྱོར་བ་བྱས་ནས་མ་བསད་པ་རྣམས་ལ་མཚམས་མེད་དུ་མི་འགྱུར་ཏེ། མཚམས་མེད་ནི་སྦྱོར་བ་གང་བྱས་པ་དེ་ཉིད་ལ་དངོས་པོ་རྫོགས་པ་དགོས་པས་དེ་མེད་པའི་ཕྱིར་རོ། །ཁྲུས་པའི་བུས་སྦྲང་བུ་བསད་པར་འདོད་པས་ཐོ་བས་ཕའི་ཀླད་པ་བཅོམ་པ་བཞིན་ནོ། །མཚོན་ཐབས་གཅིག་གིས་མ་དང་སེམས་ཅན་གཞན་ཞིག་ཀྱང་བསད་ན་རིག་བྱེད་མ་ཡིན་པ་ནི་མཚམས་མེད་ཀྱི་དང་སྲོག་གཅོག་འབའ་ཞིག་པའི་དང་གཉིས་ཡིན་ལ་རིག་བྱེད་ནི་མཚམས་མེད་ཀྱིས་བསྡུས་པ་ཁོ་ནའི་ཡིན་ཏེ། མཚམས་མེད་ལས་སྟོབས་ཆེ་བའི་པའི་ཕྱིར་རོ། །གཞན་ཡང་གང་ཞིག་གིས་མ་དགྲ་བཅོམ་མ་བསད་ན་དེ་ལ་མཚམས་མེད་པ་ནི་གཅིག་ཁོ་ན་འགྱུར་ཏེ། རྟེན་གཅིག་ལས་མེད་པའི་ཕྱིར་རོ། །དེ་ལ་ལུང་རྣམ་འབྱེད་ལས། སོང་ལ་སྐྲ་ཅན་ལ་ཁྱེད་ཀྱིས་ནི་མཚམས་མེད་པ་གཉིས་བྱས་ཏེ། ཕ་གསད་པ་གང་ཡིན་པ་དང་། གང་ཡང་དགྲ་བཅོམ་པ་གསད་པའོ་ཞེས་སྨྲོས་ཤིག་ཅེས་བྱ་བའི་རྟོགས་པ་བརྗོད་པ་འདི་ནི་རྒྱུ་གཉིས་ཀྱིས་ཞེས་བརྗོད་པར་བྱའོ། །ཡང་ན་སྒྲ་གཉིས་ནས་སྤྱོས་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:མ་གསོད་པའི་མཚམས་མེད་

|; |@@@ | | }}