From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་གྲུབ་པའི་རྟགས་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱོགས་ལ་རྟགས་མེད་མ་གྲུབ་པ། །མ་གྲུབ་པ་ནི་རྟགས་ཕྱོགས་ཆོས་བཀོད་པ་ལྟར་མི་གནས་པའོ། །དབྱེ་བ་ལ་གསུམ་སྟེ། དོན་ལ་མ་གྲུབ་པ་དང་། བློ་ངོར་མ་གྲུབ་པ་དང་། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། མ་གྲུབ་པའི་རྟགས་ཀྱི་མཚན་ཉིད་ནི། རྟགས་སུ་བཀོད་པ་གང་ཞིག་ཕྱོགས་ཆོས་རྒོལ་བའི་ཚད་མས་གྲུབ་པ་མེད་པའོ། །དབྱེ་བ་ལ། ཕྱོགས་ཆོས་དོན་ལ་མ་གྲུབ་པ་དང་། བློ་ངོར་མ་གྲུབ་པ། རྒོལ་བ་ལ་མ་གྲུབ་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། །
|
| Domain
|
ཚད་མ།
|
མ་གྲུབ་པའི་རྟགས་ (2)
| Part of speech
|
མིང་ཚིག
|
| Definition
|
རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མ་གྲུབ་པའི་རྟགས་ཀྱི་མཚན་ཉིད། རྟགས་སུ་བཀོད་པ་གང་ཞིག །ཕྱོགས་ཆོས་མ་གྲུབ་པ། ཞེས་དང་། མ་གྲུབ་པའི་རྟགས་ལ་དབྱེ་ན། དོན་ལ་བལྟོས་ནས་མ་གྲུབ། བློ་ལ་བལྟོས་ནས་མ་གྲུབ། གང་ཟག་ལ་བལྟོས་ནས་མ་གྲུབ་པའི་རྟགས་དང་གསུམ། ཞེས་གསུངས།
|