49896

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ངེས་པ་སེམས་ཀྱི་ས་མང་བརྒྱད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ས་མང་སྡེ་ཚན་ལྔ་པོར་མ་ངེས་པའི་སེམས་བྱུང་རྣམ་པ་བརྒྱད་དེ། རྟོག་དང་དཔྱོད་དང་འགྱོད་པ། གཉིད་དང་ཁྲོང་ཁྲོ་ཆགས་རྣམས་དང་། ང་རྒྱལ་ཐེ་ཚོམ་ཞེས་བྱ་བའོ། །ཇི་ལྟར་མ་ངེས་ཤེ་ན། ས་མང་པོ་པ་ནི་མ་ཡིན་ཏེ། སེམས་ཐམས་ཅད་ཀྱི་འཁོར་དུ་མི་འབྱུང་ཕྱིར། དགེ་བའི་ས་པ་མ་ཡིན་ཏེ། དགེ་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར་རོ། །ཉོན་མོངས་པའི་ས་མང་མ་ཡིན་ཏེ། ཉོན་མོངས་ཀྱི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར་རོ། །མི་དགེ་བའི་ས་པའང་མ་ངེས་ཏེ། མི་དགེ་བ་ཐམས་ཅད་ཀྱི་འཁོར་དུ་འབྱུང་བར་མ་ངེས་པའི་ཕྱིར་རོ། །ཉོན་མོངས་པ་ཆུང་ངུའི་ས་པའང་མ་ཡིན་ཏེ། རྟོག་དཔྱོད་ལ་གསུམ་ཆར་དང་འགྱོད་པ་ལ་དང་པོ་དང་། གཉིད་ལ་དང་པོ་གཉིས། ཆགས་སྡང་ལ་ཐ་མ་གཉིས། ང་རྒྱལ་དང་ཐེ་ཚོམ་ལ་བར་པ་མེད་དོ། །
Domain ཆོས་ལུགས།

{{#arraymap:མ་ངེས་པ་སེམས་ཀྱི་ས་མང་བརྒྱད་

|; |@@@ | | }}