49898

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ངེས་པའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition རྟགས་ལྟར་སྣང་གི་དབྱེ་བའི་ནང་གསེས་ཤིག དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པའི་ཕྱི་རྒོལ་དེས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྣལ་མ་དང་ཁྱབ་པ་ཕྱིན་ཅི་ལོག་གང་དུའང་མ་ངེས་པའི་རྟགས་ཤིག དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ཉིད་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག རང་ཉིད་ཀྱི་རྟགས་ཀྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྣལ་མར་ཡང་མ་ངེས། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པ་དེ། རང་ཉིད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དང་། ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གཉིས་ཞེས་གསུངས། འདིའི་མཚན་ཉིད་ཀྱི་ཟུར་དང་པོས་མ་གྲུབ་པའི་གཏན་ཚིགས་དང་། ཟུར་གཉིས་པས་རྟགས་ཡང་དག ཟུར་གསུམ་པས་འགལ་རྟགས་རྣམས་སེལ་བ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་ཏུ་ངེས་མ་ངེས་ཞེས་པ་ནི། རྗེས་ཁྱབ་དང་། ལྡོག་ཁྱབ་གྲུབ་མ་གྲུབ་ཀྱི་དོན་ཡིན་གྱི། སྤྱིར་ཁྱབ་པ་རྣལ་མ་ཙམ་དུ་གྲུབ་པ་ལ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྣལ་མར་གྲུབ་པའི་ངེས་པ་མེད་དོ། །
Domain ཚད་མ།

{{#arraymap:མ་ངེས་པའི་གཏན་ཚིགས་

|; |@@@ | | }}

མ་ངེས་པའི་གཏན་ཚིགས་ (2)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱང་ཡིན། ཁྱོད་དེ་སྒྲུབ་ལ་ཕྱོགས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་ཀྱི་རྟགས་ཀྱི་དེ་སྒྲུབ་ཀྱི་རྗེས་ཁྱབ་རྣལ་མར་མ་ངེས། དེ་ཕྱིན་ཅི་ལོག་ཏུ་ཡང་ཚད་མས་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དེ་ལ་དབྱེ་ན། ཐུན་མོང་མ་ཡིན་པའི་དེ་དང་། ཐུན་མོང་བའི་དེ་གཉིས་སུ་ཡོད།

{{#arraymap:མ་ངེས་པའི་གཏན་ཚིགས་

|; |@@@ | | }}