From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་ངེས་པའི་རྟགས་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། གནས་ངེས་མེད་རི་རྩེ་ཐང་སྟོང་ཁང་སྟོང་ལ་སོགས་པར་ཡུད་ཙམ་རེ་སྡོད། རྟེན་ངེས་མེད་ཟམ་ཟུར་མཆོད་རྟེན་སོགས་ལ་ཡུད་ཙམ་རེ་བརྟེན། སྤྱོད་པ་ངེས་མེད་སྐད་ཅིག་རེ་ལ་སྣ་ཚོགས་བྱེད། ཟས་ངེས་མེད་རིགས་དྲུག་གི་ཟས་སྣ་ཚོགས་མཐོང་ཡང་མི་ཐོབ། གྲོགས་ངེས་མེད་ལྷ་དང་འདྲེ་སྲིན་བར་དོའི་འགྲོ་བ་སྣ་ཚོགས་དང་ཡུད་རེ་འགྲོགས། སྣང་ཚུལ་ངེས་མེད་ཡིད་ཀྱི་འཆར་སྒོ་བདེ་སྡུག་སྣ་ཚོགས་སྐད་ཅིག་ལ་འགྱུར་ལྡོག་བྱེད་པའི་སྣང་བ་འཆར་བའོ། །
|
| Domain
|
ཆོས་ལུགས།
|
མ་ངེས་པའི་རྟགས་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག གནས་མ་ངེས་པ། གོས་མ་ངེས་པ། ཟས་མ་ངེས་པ། གྲོགས་མ་ངེས་པ། སྤྱོད་པ་མ་ངེས་པ། ཡིད་ཀྱི་འགྱུར་བ་མ་ངེས་པའམ་འདུ་ཤེས་མ་ངེས་པའོ། །
|