49910

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ངེས་པའི་རྟགས་སྐྱོན་ (1)
Part of speech མིང་ཚིག
Definition རྟགས་སྐྱོན་ལ་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། སྒྲ་རྟག་པར་སྒྲུབ་པ་ལ་གཞལ་བྱ་བཀོད་པའི་ཚེ་སྒྲ་རྟག་པར་སྒྲུབ་ཀྱི་རྟགས་སུ་བཀོད་ན་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུ་ཡང་མ་ངེས་པ་ལྟ་བུའོ། །ཞེས་དང་། དེས་ན་རྟགས་སྐྱོན་ལ་གཞི་གྲུབ་པས་ཁྱབ་ལ། རྟགས་སྐྱོན་ཅན་ལ་གཞི་གྲུབ་མ་གྲུབ་ཅི་རིགས་སུ་ཡོད་དོ། །ཞེས་གསུངས།
Domain ཚད་མ།