49911
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། བཅས་ལྡན་དགེ་སློང་ལ་ཕམ་ལྷག་ལྟུང་བྱེད་གང་རུང་ཞིག་འབྱུང་ཉེ་བའམ་ལྷག་མ་དང་ལྟུང་བྱེད་གང་རུང་ཞིག་འབྱུང་ཉེ་ཞིང་གང་འབྱུང་མ་ངེས་པའི་ལྟུང་བ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་འདུལ་བ་ལས། མ་ངེས་པའི་སྡེ་ལ་གཉིས་ཡོད་དེ། ཕམ་ལྷག་ལྟུང་བྱེད་གསུམ་དུ་མ་ངེས་པ་དང། ལྷག་མ་དང་ལྟུང་བྱེད་གཉིས་སུ་མ་ངེས་པ་སྟེ་གཉིས་ཡོད་པའི་ཕྱིར་དང་། སྔ་མ་ནི་བུད་མེད་དང་ལྷན་ཅིག་འདོམས་གང་གི་ནང་དུ་གནས་པ་ལས་འབྱུང་། གཉིས་པ་ནི་བུད་མེད་དང་ལྷན་ཅིག་འདོམས་གང་གི་ཕྱི་རོལ་དུ་གནས་པ་ལས་འབྱུང་བའི་ཕྱིར། གླེང་གཞི་ཡང་ཡོད་དེ། དང་པོ་འཆར་ཀ་ལ་བཅས། གཉིས་པ་ཤི་རི་ཀ་ལ་བཅས་པའི་ཕྱིར། མདོ་རྩ་འདིར་འདི་དག་དངོས་སུ་མ་བསྡུས་ཀྱང་སྐྱོན་མེད་དེ། ཕམ་ལྷག་སོགས་བསྟན་པས་གོ་ནུས་པ་ལ་དགོངས་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |