49915

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ངེས་སྤྲུལ་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་གསུམ་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། མཚན་དཔེ་ཡོན་ཏན་འགྱུར་མི་སྲིད། ཐབས་ལ་དགོངས་ན་(ནས་)རང་མཐུན་སྟོན། མ་ངེས་སྤྲུལ་པའི་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེ་ཡང་ཚོགས་གཉིས་ཀྱི་མཐུ་དཔལ་ལས་རྫོགས་པའི་གཟུགས་སྐུའི་མཚན་བཟང་དཔེ་བྱད་ཀྱི་ཡོན་ཏན་རྣམས་རྐྱེན་གྱིས་ཉམས་པར་འགྱུར་བ་མི་སྲིད་ནའང་། ཐབས་མཁས་ཀྱིས་གདུལ་བྱའི་རིགས་དང་ཁམས་ཉིད་ལ་ལྟོས་ཏེ་སྤྲུལ་པ་མཆོག་དམན་མ་ངེས་ཅི་རིགས་པ་སྟོན་པར་མཛད་པའི་དོན་ནོ། །
Domain ཆོས་ལུགས།