49919

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཅིག་ཨོང་ཇོ་ (1)
Part of speech མིང་ཚིག
Definition མ་ཅིག་ཨོང་ཇོ་མཆོག་ནི། འུ་ཡུག་ཏུ་འཁྲུངས། གཞོན་དུས་ནས་ཐོས་བསམ་མང་པོ་མཛད། བྱེ་བྲག་ཏུ་ཁྱུང་ཚང་པ་དང་མཇལ་ནས་སྙན་བརྒྱུད་ཀྱི་གདམས་ངག་རྫོགས་པར་ཐོབ། (ཁྱུང་ཚང་པ་ནི། རབ་བྱུང་གཉིས་པའི་ཤིང་ལུག་ ༡༡༡༥ ལོར་འཁྲུངས། ༡༡༧༦ དགོངས་པ་གཤེགས། ) བླ་མའི་དབང་གི་ཤེས་རབ་མ། མཛད་པས་ཉམས་རྟོགས་ཁྱད་པར་ཅན་བརྙེས། དེ་ཐམས་ཅད་ལ་ཞང་ལོ་གྲུབ་པ་དཔལ་གྱིས་གཏུགས་ཤིང་། ཁྱད་པར་མ་ཅིག་གི་དྲུང་དུ་ལན་གསུམ་ཆོས་ཞུར་བྱོན་པས། ཕྱི་མར་ལས་ཅན་གྱི་སློབ་མར་དགོངས་ནས་སྙན་རྒྱུད་ཀྱི་དབང་གདམས་ངག་ཐམས་ཅད་དགྱེས་བཞིན་དུ་གནང་། ལར་བོད་ན་ཆོས་ཞུས་པའི་བླ་མ་བདུན་ཅུ་ཙམ་ཡོད། ལྷོ་བལ་དུ་བྱོན་པས་སྒྲ་ཚད་མཁས་པར་མཁྱེན། རྡོ་རྗེ་ཕྲེང་བ་སོགས་འགྱུར་ཡང་མང་བར་མཛད། མན་ངག་སྙེ་མའི་ཊིཀྐ་དང་། བརྟག་གཉིས་ཀྱི་མཐའ་གཉིས་རྣམ་སེལ་སོགས་བསྟན་བཅོས་ཀྱང་དུ་མ་བརྩམས། འཁོར་ལོ་སྡོམ་པའི་ཞལ་གཟིགས། རྟོགས་པ་ལ་མངའ་བརྙེས་སོ། །