From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་ཆགས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མངོན་པ། མ་ཆགས་པ་ཞེས་པ་ནི། སྲིད་པ་དང་སྲིད་པའི་ཡོ་བྱད་གང་རུང་ལ་ཡིད་འབྱུང་ཞིང་ཆགས་པ་མེད་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། མ་ཆགས་པ་གང་ཞེ་ན། སྲིད་པ་དང་། སྲིད་པའི་ཡོ་བྱད་རྣམས་ལ་ཆགས་པ་མེད་པ་སྟེ། ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་གསུངས།
|
| Domain
|
ཆོས་ལུགས།
|
མ་ཆགས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། བདག་དོན་ལྷུན་གྱིས་གྲུབ་པའི་གྲུབ་པ་རྟགས་ཀྱི་ཕྱག་རྒྱའི་ཁོངས་གཏོགས་ཏེ། འདིའི་དོན་ནི་རྣམ་ཐར་གསུམ་གྱིས་ཅི་ལ་རོལ་ཡང་ཞེན་ཆགས་མི་མངའ་བར་མ་ཆགས་པ་དང་ལྡན་པའི་བརྡར་ཤར་བ་ཞལ་དུ་གྲུབ་པ་སྟེ། ཞལ་གསུམ་རྣམ་ཐར་སྒོ་གསུམ་ལྷུན་གྱིས་གྲུབ། །ཅེས་གསུངས་པ་དང་། དེའང་སྐུ་སྟོང་པ་ཉིད་གཡས། གསུང་མཚན་མ་མེད་པ་གཡོན། ཐུགས་སྨོན་པ་མེད་པ་དབུས་ཀྱི་ཞལ་ལོ། །
|