49944
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། རབ་བྱུང་བཅུ་པའི་ནང་ཙམ་དུ་བྱོན། རྗེ་མདོ་ཁམས་གཉིས་པ་ཀུན་དགའ་བསྟན་འཕེལ་གྱིས་གྲུབ་དབང་ཀརྨ་བསྟན་འཕེལ་གྱི་དངོས་སློབ་མ་ཎི་བ་བློ་གྲོས་བཟང་པོའི་ཡང་སྲིད་དུ་ངོས་འཛིན་མཛད། དེ་ནས་སྐུ་གོང་མས་རབ་བྱུང་བཅུ་པའི་ཆུ་ཡོས་ ༡༦༠༣ ལོར་ཕྱག་བཏབ་པར་གྲགས་པའི་རྡོ་ཕུག་འབྲུག་རྒྱས་ཆོས་འཁོར་གླིང་དུ་ཆོས་ཀྱི་ཁྲི་ལ་མངའ་གསོལ་ཞུས། ཐོག་མར་རྗེ་ཀུན་དགའ་བསྟན་འཕེལ་དང༌། རྗེ་འཛི་སྒར་བསོད་ནམས་རྒྱ་མཚོ་བསྟེན་ནས་དབང་ལུང་ཁྲིད་ཅི་ཡང་གསན། ཁྱད་པར་ཡོན་དགེ་མི་འགྱུར་རྡོ་རྗེ་ལས་གཏེར་ཆོས་ཡོངས་རྫོགས་གསན་ཞིང་ཆོས་བདག་མཛད། གཏེར་ཆོས་ལ་བློ་གྲོས་བཟང་པོའི་བློ་ལུགས་དང༌། ཕྱག་ནོར་སྤྲུལ་སྐུའི་ཕྱག་ལུགས་ཟེར་བ་གཉིས་བྱུང༌། དགོན་དུ་གྲོ་ལོད་ཟློག་སྒྲུབ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར། ཞི་ཁྲོ་པདྨ་བཛྲ་སོགས་རྒྱུན་འཛུགས་མཛད། ཡོན་དགེའི་བསྟན་སྲུང་གཟའ་དམར་གྱི་ཞལ་གཟིགས། ཕྱིས་ཁམས་སྤྲུལ་གསུམ་པ་ཀུན་དགའ་བསྟན་འཛིན་དང་བླ་སློབ་གྱུར་ཏེ། རྗེ་དེའི་དྲུང་ཡིག་གནང་བཞིན་པར། གློག་དམར་འཁྱུགས་ནས་ཐོག་བརྒྱབ་ཉེ་བའི་སྐབས་ཕྱག་སྨྱུག་ནམ་མཁར་བསྟན་པས། སྨྱུག་གུའི་རྩེ་ནས་མེ་འབར་ཏེ་ཐོག་སེར་རང་སར་ཞི་བའི་ངོ་མཚར་བྱུང༌། རྗེ་ཀུན་དགའ་བསྟན་འཛིན་ཐུགས་དགྱེས་ནས་མཚན་སྨྱུག་གུ་མེ་འབར་རྡོ་རྗེ་ཞེས་གསོལ་བས། དེ་ནས་བཟུང་གསང་སྔགས་འཆང་བ་སྨྱུག་གུ་མེ་འབར་རྡོ་རྗེ་ཞེས་ཡོངས་སུ་གྲགས། གཞན་ཡང་ཇ་བསྐོལ་བའི་མེ་མེད་པར་སྨྱུག་གུའི་རྩེ་ནས་མེ་སྦར་བ་སོགས་གྲུབ་རྟགས་མང་པོ་བསྟན། ཐང་ནག་གསེར་བྲིས་མཛད་པ་སོགས་རྟེན་གསུམ་གསར་དུ་རྒྱ་ཆེར་བཞེངས། དེ་ལྟར་བསྟན་འགྲོའི་རྒྱ་ཆེར་མཛད་པའི་མཐར་ཞི་བར་གཤེགས་སོ། ། |