49946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཎི་བ་བློ་གྲོས་བཟང་པོ་སྐུ་ཕྲེང་དང་པོ་རྡོ་ཕུ་དགོན་གྱི་ཁྲི་འཛིན་དང་པོ་ (1)
Part of speech མིང་ཚིག
Definition ཁོང་ནི། བོད་མདོ་ཁམས་ལྗོངས་སུ། དུས་རབས་བཅོ་ལྔ་པའི་སྨད་དུ་སྐུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་སྟེ། མདོ་ཁམས་པ་ཀརྨ་བསྟན་འཕེལ་མཆོག་གི་གཙོས་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་བཏུད་ནས་མདོ་སྔགས་གཞུང་ལུགས་ཁག་ལ་ཐོས་བསམ་སྒོམ་གསུམ་རྒྱ་ཆེར་གནང་ཞིང་ངེས་དོན་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་ནས་བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབས། ཆུ་ཡོས་ ༡༦༠༣ ལོར་རྡོ་དགོན་འབྲུག་རྒྱལ་ཆོས་འཁོར་གླིང་ཕྱག་བཏབ་ནས་སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་བ་དང། བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས་ནས་བསྟན་པ་འཁོར་ལོ་གསུམ་གྱིས་བསྐྱངས་མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སོ། །