49951

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཎི་བ་བློ་གྲོས་བཟང་པོའི་སྐུ་ཕྲེང་བཞི་པ་ཀུན་དགའ་བཟང་པོ་ (1)
Part of speech མིང་ཚིག
Definition འདིའི་འཁྲུངས་ཡུལ་ནི། ཆབ་མདོ་རྫ་བརྒྱུད་མདུང་ནག་ལྷ་བཟོ་ཚང་སར་སྐུ་བལྟམས། ལྷ་བཟོ་བླ་མ་ཞེས་གྲགས། ཁོང་ཆུང་ངུའི་དུས་ནས་ལྷ་བཟོ་སོགས་བསླབ་པས་ཐོགས་མེད་དུ་མཁྱེན། ཁོང་རང་ཉིད་ཀྱིས་བྲིས་གནང་བ། རྡོ་དགོན་དུ་གསེར་བྲིས་ཐང་ཤལ་སུམ་བརྒྱ་ལྷག་ཙམ་བཞེངས་ཡོད། སྐབས་དེར་གསེར་དཀོན་པོ་ཡིན་པ་དང་གསེར་མི་རྙེད་པའི་དུས། ངོ་མཚར་ཆེ་བའི་མི་མིན་གྱིས་མཁའ་འགྲོ་མའི་ཆབ་གསེར་ཕུལ་བ་དེས་བཞེངས་པར་གྲགས། ཐང་ག་བཞེངས་ཚར་རྗེས་གོང་གཤམ་མེད་སྐབས། ཁོང་གི་ཐུགས་མཉམ་པར་བཞག་པས་ཡུད་ཙམ་ཞིག་ན། རྒྱ་གར་ནས་ཡིན་ཟེར་བའི་ཚོང་པ་ཞིག་གིས། དྲེའུ་དཀར་པོ་གསུམ་ལ་དར་གོས་སྣ་ཚོགས་བཀལ་བ་ཞིག་བྱུང་བས། དེར་ཚང་མས་ཉོ་ཚོང་གཏམ་པས་ཚོང་པ་དང་དྲེའུ་བཅས་འཇའ་ཡལ་བ་ལྟར་མི་སྣང་བ་གྱུར་པ་དང། དར་གོས་དག་དེར་བཞག་འདུག་པས། གོས་གཤམ་སོགས་བཟོ་གྲུབ་གནང་བ་དེར། མི་མིན་གྱིས་ཕུལ་བའི་མཁའ་འགྲོའི་སྤྲིན་ཐག་ཞེས་ཡོངས་སུ་གྲགས། ཕྱིས་སུ་རྒྱ་དམར་གྱིས་རིག་གནས་གསར་བརྗེའི་སྐབས། གཏོར་བརླག་བཏང་ཡང་། མེས་འཇིགས་མ་ཐུབ་པའི་ཞལ་ཐང་བཅུ་ཙམ་ལྷག་ཡོད་པས་དུས་ད་ལྟའང་མཇལ་དུ་ཡོད་དོ། །