49952
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ལྕགས་ཕག་ཕྱི་ལོ་ ༡༨༥༡ ལོར་མདོ་སྨད་མགར་རྩེ་གོང་མར་འཁྲུངས། དགུང་ལོ་བདུན་པར་སྐུ་གོང་མའི་གདན་སར་བཀོད། ཤིང་བཟའ་བསྟན་པའི་དབང་ཕྱུག་ལས་རབ་ཏུ་བྱུང་། གྲུབ་དབང་འཇིགས་ཞབས་དང་། ཤིང་བཟའ་བསྟན་པའི་དབང་ཕྱུག་གཉིས་གཙོས་བཤེས་གཉེན་མང་པོ་ལས་བཀའ་ཆོས་གསན། རོང་བོ་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། སྡོང་སྐམ་རབ་འབྱམས་པ་བསྟན་པ་དར་རྒྱས་དགེ་རྒན་དུ་བསྟེན། མཚན་ཉིད་སོགས་ཀྱི་གཞུང་ལ་སྦྱངས་པ་གནང་། རྭ་རྒྱའི་རྒྱལ་བ་བསྟན་པ་ཆོས་འཕེལ་རྒྱ་མཚོ་ལས་བསྙེན་པར་རྫོགས། ཤིང་བཟའ་རིན་པོ་ཆེ་རང་དགོན་དུ་གདན་དྲངས། དུས་འཁོར་དབང་ཆེན་དང་ཐིག་ལེ་བཅུ་དྲུག་སོགས་ཀྱི་དབང་ཞུས། ཞེ་གཅིག་པར་ཀུན་རིག་བདག་འཇུག་གསར་འཛུགས་མཛད། ཞེ་གཉིས་པར་བྱམས་ཁང་གི་ཡོ་བ་བསྲིངས་ཤིང་འོག་ཤོད་གསར་བཟོ་གནང་། གཞུང་ཆེན་མོ་རྣམས་དང་། རྩིས་དཀར་ནག་སྒྲ་སྙན་ངག བཟོ་གསོ་བ་སོགས་ལ་ཧ་ཅང་མཁས། རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་ཕྱི་ལོ་ ༡༨༩༦ ལོར་སྐུ་གཤེགས། གསུང་རྩོམ་ཡང་ཡོད། མ་ཎི་པའི་སྐུ་ཕྲེང་བཞི་པ་ཡིན། |