49953
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ས་ཁྱི་ཕྱི་ལོ་ ༡༨༩༨ ལོར་མདོ་སྨད་མགར་རྩེར་སྐུ་འཁྲུངས། དྲུག་པར་སྐུ་གོང་མའི་གདན་སར་འཁོད། སྐྱབས་མགོན་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རབ་ཏུ་བྱུང་། རྫོང་དཀར་འཇིགས་མེད་བློ་གྲོས་སོགས་བཤེས་གཉེན་དུ་བསྟེན། བཅུ་གཉིས་པར་རོང་བོ་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། མཁྱེན་རབ་རྒྱས་པའི་སྙན་པ་གྲགས། ཉེར་གཉིས་པར་ཁྲི་རྒན་འཇམ་པའི་དབྱངས་ལས་དགེ་སློང་བསྒྲུབས། ཡོངས་འཛིན་བློ་བཟང་དཔལ་ལྡན་དང་། ཁྲི་རྒན་འཇམ་པའི་དབྱངས། གཙང་སྟོན་བསྟན་འཛིན་ཆོས་འཕེལ། བྱ་བཏང་ངག་དབང་ཆོས་ལྡན་སོགས་ལས་བཀའ་ཆོས་མང་དུ་གསན། དུས་ཞབས་མཚོ་བྱུང་དགྱེས་པའི་དཔལ་ལས་རྩིས་དཀར་ནག་དང་། དབྱངས་ཅན་སྒྲ་མདོ་རྣམས་ལ་སྦྱངས། ཀུན་བཤད་ཀྱི་མཚན་དུ་དབྱངས་ཅན་གྲུབ་པའི་གཞོན་ནུ་གསོལ། རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་ཕེབས། པཎ་ཆེན་ཆོས་ཀྱི་ཉི་མ་ལས་ཆོས་བཀའ་གསན། སོ་གཉིས་པ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཕྱི་ལོ་ ༡༩༢༩ ལོར་སྐུ་གཤེགས། མ་ཎི་པའི་སྐུ་ཕྲེང་ལྔ་བ་ཡིན། |