49954
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ས་ཕག་ཕྱི་ལོ་ ༡༧༡༩ ལོར་མདོ་སྨད་ཨ་རིག་ཆུ་སྨད་དུ་འཁྲུངས། ཆུང་དུས་ནས་རྫོང་དཀར་གྱི་གདན་སར་འཁོད། སྐུ་དབོན་ལས་རབ་ཏུ་བྱུང་། ཁྲི་སྤྲུལ་བསྟན་པའི་ཉི་མ་དང་། རྗེ་བསྟན་འཛིན་འཕྲིན་ལས་སོགས་བསྟེན། གདམས་པའི་མཛོད་དུ་གྱུར། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭ་ལས་ཐོས་བསམ་གནང་། དབུས་ཀྱི་འབྲས་སྒོ་མང་གྲྭ་ཚང་ལས་གཞུང་ཆེན་ལྔ་ལ་ཡང་དག་པར་སྦྱངས། རྒྱལ་བ་སྐལ་བཟང་རྒྱ་མཚོ་ལས་ཆོས་རྒྱུན་མང་དུ་ཞུས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས། རྫོང་དཀར་དགོན་དུ་ཕེབས། རི་ཁྲོད་པ་ཉིས་བརྒྱར་ཟླ་རེར་དུས་བཟང་བརྒྱད། ལྔ་མཆོད། སྨྱུང་གནས། ཀླུ་དབང་རྒྱལ་པོ་རྣམས་ཀྱི་ཆོས་ཐོག་ལ་ཇ་དང་། མར་སོགས་ཀྱི་ཕོག་ཟམ་མི་འཆད་པ་སྦྱོར་འཇགས་མཛད། འདུ་ཁང་དང་། བཙན་ཁང་གཉིས་གསར་དུ་བཞེངས། སྐུ་བརྙན་མང་པོ་གསེར་ཟངས་ལས་བཞེངས། གསེར་དངུལ་གྱིས་བཞེངས་པའི་བཀའ་འགྱུར་དང་བསྟན་འགྱུར། སྡེ་དགེ་ནས་བཀའ་བསྟན་འགྱུར་གཉིས་ཀ་གདན་དྲངས་བར་མཛད། དངུལ་སྲང་བརྒྱ་ཕྲག་མང་པོ་ལས་གྲུབ་པའི་མཆོད་རྟེན་གསར་དུ་བཞེངས། དོན་གསུམ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༧༡༩ ལོར་སྐུ་གཤེགས། མ་ཎི་བའི་སྐུ་ཕྲེང་གཉིས་པ་ཡིན། |