49956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཎི་བ་སངས་རྒྱས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition མ་ཎི་བ་བླ་མ་སངས་རྒྱས་རྒྱལ་མཚན་མཆོག་ནི། གཞོན་ནུའི་དུས་ནས་སྐྱེས་མཆོག་འབའ་ར་བ་ཆེན་པོའི་ཞབས་ལ་གཏུགས། བསྙེན་པར་རྫོགས་ནས་མཚན་དགེ་སློང་སངས་རྒྱས་རྒྱལ་མཚན་ཞེས་གྲགས། སྐྱེས་མཆོག་པ་སྐུ་ཚེའི་སྟོད་དུ་མཁན་ཆེན་བུ་སྟོན་པའི་ཞབས་དྲུང་དུ་དབང་ཆོས་གསན་སྐབས་སོགས་ཀྱི་ཞབས་ཕྱི་ཉེ་གནས་ཡིན། སྐྱེས་མཆོག་པས་བདེ་ལེགས་རྫོང་དུ་མ་ཎི་དུང་ཕྱུར་བཙུགས་སྐབས་ཀྱི་མ་ཎི་བགྲང་བའི་དཔོན་དུ་བསྐོས། དབང་ཆོས་གདམས་ངག་བུམ་པ་གང་བྱོར་གནང་ཞིང་། ལྷག་པར་ཚེ་དཔག་མེད་གྲུབ་རྒྱལ་མའི་བཀའ་བབ་པའི་སློབ་མའོ། །