4997
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ལ་རང་བཞིན་གྱི་ཆ་ལུགས་ཞེས་བྱ་བ་ནི། ཡི་དམ་ཁྲོ་བོ་གང་གི་སྐུ་མཆོག་མངོན་པར་བཞུགས་ཙམ་ནས་ཕྱག་མཚན་དང་ཕྲིན་ལས་ལ་སོགས་ཆ་ལུགས་གང་དག་འབད་མེད་རང་ཆས་སུ་ཡོད་པ་ལས་ཐོལ་བྱུང་དུ་རྩོལ་སྒྲུབ་ཀྱིས་བཅོས་པ་ལྟ་བུ་མ་ཡིན་པའི་དོན་ནོ། །དེ་ལ་གྲངས་ཀྱི་སྒོ་ནས་ལྔ་སྟེ། བརྗིད་པའི་སྐུ་མཆོག བརྙན་པའི་ཕྱག་མཚན། བསྐོར་བའི་འཁོར་ཚོགས། ཆེ་བའི་ཡོན་ཏན། མཛད་པའི་ཕྲིན་ལས་བཅས་ལྔ་རུ་གསུངས་སོ། ། |
| Domain | ཆོས་ལུགས། |